Ten Principles of ACC’s Code of Conduct

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཀུན་སྤྱད་རྣམ་གཞག་གི་གཞི་རྩ་བཅུ་པོ།

༡༽ རང་སོའི་ལཱ་དང་བྱ་བ་ག་ཅི་ཨིན་རུང་ ཁྲིམས་ཀྱི་ཚིག་དང་ དེའི་དགོངས་དོན་དང་འཁྲིལ་ནི།

1. Act in accordance with the law, in letter and spirit.

༢༽ རང་དོན་དང་གཞུང་དོན་གཉིས་ཆ་རའི་ནང་ དྲང་སྤྱད་ཀྱི་གནས་ཚད་མཐོ་ཤོས་གུར་གནས་ནི།

2. Maintain the highest standard of personal and professional integrity.

༣༽ རང་སོའི་བྱ་སྤྱད་དེ་ ཁྱད་རིག་མཆོག་གྱུར་གྱི་སྒོ་ལས་སྟོན་ནི།

3. Display professional excellence in our conduct.

༤༽ རང་སོའི་འགན་ཁུར་ཚུ་ འཇིགས་སྣང་དང་ཕྱོགས་རིས་ ཕྱོགས་ལྷུང་ ཡང་ན་ འཁོན་སེམས་མེད་པར་ ཆགས་སྡང་ཕྱོགས་རིས་ཀྱི་དབྱེ་བ་ཚུ་སྤངས་ཏེ་ འཇོན་ཐངས་དང་དོན་སྨིན་ཅན་གྱི་སྒོ་ལས་སྒྲུབ་ནི།

4. Conduct duties efficiently and effectively, without fear and favour, prejudice or ill will, avoiding all forms of discrimination.

༥༽ བརྡ་དོན་ཚུ་དམ་དམ་སྦེ་གསང་སྟེ་བཞག་ནི་དང་ ཚུལ་མཐུནམ་སྦེ་སྤྱད་ནི།

5. Maintain the highest degree of confidentiality and use information ethically.

༦༽ ཁེ་ཕན་ལྟག་སྤྲད་ ཡང་ན་ འབྱུང་སྲིད་པའི་ཁེ་ཕན་ལྟག་སྤྲད་ཚུ་གསལ་སྟོན་འབད་ནི།

6. Declare all conflicts or potential conflicts of interest.

༧༽ རང་སོའི་དབང་ཚད་དང་གོ་གནས་ཚུ་ ལོག་པར་མི་སྤྱོད།

7. Take no undue advantage of one’s authority and position.

༨༽ རང་སོའི་བྱ་སྤྱད་དང་ བཀོད་རྒྱ་ཚུ་ལས་བརྟེན་པའི་འགན་འཁྲི་འབག་ནི།

8. Be accountable for one’s action and instructions.

༩༽ རང་སོའི་དོན་ལུ་ ཁེ་ཕན་གྱི་རིགས་ག་ཅི་འབད་རུང་ འཚོལ་ནི་ ལེན་ནི་ ཡང་ན་སྤྲད་ནི་ལས་འཛེམ་ནི།

9. Refrain from seeking, receiving or offering any form of gratification.

༡༠༽ ཚིག་ཙུབ་དང་བྱ་སྤྱོད་ངན་པ་ཚུ་ལས་འཛེམ་ཏེ་ གུས་ཞབས་དང་བསྙེན་བཀུར་སྒོ་ལས་ཕྱག་ཞུ་ནི།

10. Exercise courtesy and restraint in words and action.